འབྲུག་རྗེ་སྒང་རྒེད་འོག།

drujeygang gewog

འབྲུག་རྗེ་སྒང་རྒེད་འོག་གི་ས་ཆ་བསྡོམས་གྲུ་བཞི་༥༧.༤༧ ཡོདཔ་དང་ ནུབ་ཁ་ཐུག་གཙང་ཁ་དང་ལ་རྒྱབ།  བྱང་ཁ་ཐུག་འཁྱིལ་པའི་ས་རྒེད་འོག་ ལྷོ་ཁ་ཐུག་བཀྲིས་ལྡིང་རྒེད་འོག་ ཤར་ཁ་ཐུག་ དར་དཀར་རྫོང་ཡོད་པའི་ས་གནས་ཁར་ཆགས་ཏེ་ཡོད། རྒེད་འོག་འདི་ནང་ ས་ཁ་དམའ་སའི་བསིལ་དྲོད་གནས་སྟངས་ལྡན་པའི་ཁར་ ཁྱིམ་གུང་༤༩༩ མི་རློབས་༣༥༥༢ ཡོད། ཤིང་སྣ་ཚོགས་ཀྱི་ནགས་ཚལ་ ཁྱབ་ཚད་གྲུ་བཞི་༥༧ ཡོད། འབྲུག་རྗེ་སྒང་རྒེད་འོག་ནང་ སྤང་ན་-པཱ་ཏ་ལ། ཐང་ན། སྦུ་སྡི་སྤང་-སྤང་ན། སྤང་སེར་པོ། འབའ་བི་ཐང་-སྤང་སེར་པོ་ བཅས་སྤྱི་འོག་ལྔ་ཡོད། རྒེད་འོག་གི་མི་སེར་ མི་རིགས་མཐུན་གཅིག་ཨིནམ་ལས་ ཁ་སྐད་ཁེངས་པ་སླབ་ཨིན། རྒེད་འོག་ཚོགས་ཆུང་འདི་གཙུག་སྡེ་ངོ་མ་ཅིག་འབདཝ་ལས་ ཚོགས་ཆུང་གི་ཁྲི་འཛིན་རྒཔོ་གཙོས་པའི་ དམངས་མི་ ཚོགས་པ་ བཅས་འཐུས་མི་བདུན་ཡོད་པའི་ཁར་ གཞན་ཡང་ཞི་གཡོགཔ་ལྟ་རྟོག་པ་སྦེ་ཡོདཔ་ཨིན།


 

Institutions

Staff

Tourism

No tourist destinations in this Gewog.