རྫོང་ཁག་རྩིས་དཔྱད་ལས་ཚན།

 འཆར་སྣང་།

  • རྒྱལ་ཁབ་ཀྱི་མི་སྡེ་དང་དཔལ་འབྱོར་གོང་འཕེལ་ལུ་རྒྱབ་སྐྱོར་འབད་ནིའི་དོན་ལུ་ སྤུས་ཚད་དང་ལྡན་པའི་མཐོ་ཤོས་ཀྱི་རྩིས་དཔྱད་གྲུབ་འབྲས་ཚུ་བྱིན་ནི།

   དམིགས་སྐྱེད།

  • སྒྲུབ་བྱེད་ཅན་གྱི་གྲོས་ཐག་གཅད་ནི་དང་ འཆར་གཞི་བརྩམ་ནི་ལུ་ཕན་གྲོགས་འབད་ནིའི་དོན་ལུ་ འབྲེལ་བ་ཡོད་མི་དང་ བློ་གཏད་ཅན་དང་ དུས་ཐོག་གི་རྩིས་དཔྱད་ཚུ་བྱིན་ནི།

  འགན་དབང་།                                                                                                                                                 

  • རྫོང་ཁག་ནང་གནས་སྡུད་བསྡུ་ལེན་འབད་དེ་ རྒྱུན་མ་ཆད་པར་དུས་མཐུན་བཟོ་ནི་དང་ ཡོངས་རྫོགས་ཀྱི་རྫོང་ཁག་རྩིས་དཔྱད་གནས་སྡུད་གཞི་མཛོད་བཞག་ནི།

  • སྙན་ཞུ་ཚུ་བསྡུ་སྒྲིག་འབད་ནི་དང་སྟོན་ནི་ དེ་ལས་ རྫོང་ཁག་རྩིས་དཔྱད་བཅུད་བསྡུས་ལོ་རྒྱུས་དཔེ་སྐྲུན་འབད་ནི།

  • རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་མཉམ་འབྲེལ་འབད་ཐོག་ལས་ རྫོང་ཁག་དང་རྒེད་འོག་གི་གནས་ཚད་ནང་ རྩིས་དཔྱད་ཀྱི་ལཱ་ཚུ་འགོ་འདྲེན་དང་བཀག་འཛིན་འབད་ནི།

  • རྫོང་ཁག་དང་རྒེད་འོག་གི་གནས་ཚད་ནང་སྙན་ཞུ་ཚུ་དར་ཁྱབ་གཏང་ནིའི་ལྟེ་བ་སྦེ་འབད་ནི།

  • རྫོང་ཁག་ནང་ གལ་ཅན་གྱི་གནས་སྡུད་ཚུ་ འགོ་འདྲེན་འཐབ་ནི་དང་བསྡུ་ལེན་དང་བསྡུ་སྒྲིག་འབད་ནི།

  • རྫོང་ཁག་དང་རྒེད་འོག་ནང་ལུ་ རྩིས་དཔྱད་ལཱ་གི་འཆར་གཞི་དང་མ་དངུལ་བཞག་ནི་ལུ་ གྲ་སྒྲིག་འབད་ནི།

  • རྩིས་དཔྱད་བརྟག་ཞིབ་ཚུ་དང་གནས་སྡུད་བསྡུ་ལེན་ཚུ་གི་ བསམ་གཞི། དབྱེ་ཁག་དང་ ངེས་ཚིག་བརྟན་ཏོག་ཏོ་དང་བདེན་ཁུངས་བཟོ་ནི།

  • སྙན་ཞུ་ཚུ་འཐོབ་ནིའི་དོན་ལུ་ རྫོང་ཁག་གི་སྡེ་ཚན་ཚུ་དང་གཅིག་ཁར་མཉམ་འབྲེལ་འབད་ནི།

  • རྫོང་ཁག་དང་རྒེད་འོག་གི་སྡེ་ཚན་ཚུ་ལུ་ ཁྱད་རིག་གི་རྒྱབ་སྐྱོར་བྱིན་ནི།

  • རྫོང་ཁག་གི་གནས་ཚད་ཁར་གནས་སྡུད་ཚུ་དུས་ཐོག་ལུ་བསྡུ་ལེན་འབད་ནི།

 རྫོང་ཁག་རྩིས་དཔྱད་ལས་ཚན་གྱི་ལཱ།

  • ཉེར་སྤྱོད་གོང་ཚད་གནས་ཐོ་གི་གནས་སྡུད་བསྡུ་ལེན། ༼ཟླ་རིམ་དང་ཟླ་དགུ་རེར།༽

  • རྒྱལ་སྤྱི་ག་བསྡུར་གློག་རིག་གི་གནས་སྡུད་བསྡུ་ལེན། ༼ཟླ་རིམ་དང་ཟླ་དགུ་རེར།༽

  • རྫོང་ཁག་གི་ལོ་བསྟར་གྱི་རྩིས་དཔྱད་བསྡུ་ལེན།

  • རྒེད་འོག་གི་བཅུད་བསྡུས་ཀྱི་གནས་སྡུད་བསྡུ་སྒྲིག།

  • ས་གནས་མ་སྒོ་/རྒེད་འོག་གི་གནས་ཚད་ནང་གནས་སྡུད་བསྡུ་སྒྲིག་དང་བདེན་ཁུངས་བཟོ་ནི།

  • རྫོང་ཁག་/རྒེད་འོག་གི་བཅུད་བསྡུས་ལོ་རྒྱུས་ཚུ་བསྡུ་ལེན་དང་བསྡུ་སྒྲིག་ དེ་ལས་ དཔེ་སྐྲུན་འབད་ནི།

  • རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ཡང་ན་ལྷན་ཁག་ ཡང་ན་ལས་སྡེ་གིས་འགོ་འདྲེན་ཐོག་ལུ་འབད་ཡོད་པའི་ རྒྱལ་ཡོངས་ཀྱི་བརྟག་ཞིབ་དང་མི་རྩིས་ཚུ་ ལྟ་རྟོག་འབད་ནི།

  • ལོ་བསྟར་གྱི་གཞུང་སྐྱོང་མཆོག་གྱུར་འགན་ཡིག་ནང་འཁོད་བསྐྱར་ཞིབ་ཚོགས་ཆུང་གི་འཐུས་མི།