རྡོ་རོ་ན་རྒེད་འོག་འདི་དར་དཀར་ན་རྫོང་ཁག་ལས་ལྷོ་ཕྱོགས་སུ་ཆགས་ཏེ་ཡོད། རྒེད་འོག་འདི་ཡི་ས་མཚམས་ ནུབ་དང་ཤར་ཁ་ཐུག་ གེ་སར་གླིང་རྒེད་འོག་ བྱང་ཁ་ཐུག་ཆུ་ཁ་རྫོང་ཁག་དགེ་ཏ་ན་རྒེད་འོག་ ལྷོ་ཁ་ཐུག་ལྷ་མོའི་རྫིང་ཁ་དྲུང་ཁག་ ཀརྨ་གླིང་རྒེད་འོག་དང་མཐུད་དེ་ཡོད། རྒེད་འོག་འདི་ གེ་སེར་གླིང་ལས་ཀི་ལོ་མི་ཀྲར་༢༠ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད།  རྐང་སྟོང་སྦེ་འགྲོ་འགྲ྄ལ་འབད་བ་ཅིན་ཚུ་ཚོད་༤དང་༥འགོར་བའི་ས་ཁར་ཆགས་ཏེ་ཡོད། རྒྱ་མཚོ་མཐའ་མ་ལས་མཐོ་ཚད་མི་ཀྲར་༢༠༠ ལས་ ༢༧༠༠ ཡོད།

ས་ཡི་ཆགས་ཚད་ཧ་ལམ་གྲུ་བཞི་ཀི་ལོ་མི་ཀྲར་ ༡༠༧.༦༩ཡོད་ས་ལས་ བརྒྱ་ཆ་ ༩༦% ཙམ་ནགས་ཚལ་གྱི་ཁྱབ་སྟེ་ཡོད། རྒེད་འོག་འདི་ནང་ལོ་བསྟར་ཆར་འབབ་༡༦༤༦.༩ མི་ལི་ལི་ཀྲར་དང་ དྲོད་ཤུགས་༡༩.༢°C ༼རྒྱབ་རྟེན་རང་བཞིན་སླར་བྱུང་མཐུན་སྐྱེད་ལྟེ་བ་ ཉིམ་ཏོ་ལ་༢༠༡༠-༡༡༽

རྒེད་འོག་བདག་སྐྱོང་ནང་ རྡོ་རོ་ན་ཆེ་བ་དང་རྡོ་རོ་ན་ཆུང་བ། དམངས་མི་ཐང་དང་ཉིམ་ཏོ་ལ། ཚྭ་སླབ་ཇི་བཅས་སྤྱི་འོག་ལྔ་ཡོད། རྒེད་འོག་འདི་ནང་གཡུས་ཚན་ལྔ་ཡོདཔ་དང་ གཡུས་སྒོའི་ཚོགས་པ་དང་ཁྱིམ་སྲུང་པ་བཅས་ ལས་བྱེད་པ་༡༠ཡོད། 

རྒེད་འོག་ནང་ མི་རློབས་༢༠༦༠ ཙམ་ཡོད་ས་ལས་ ཕོ་༩༨༤ དང་མོ་༩༠༣ཡོད། གནམ་ལོ་༡༩༩༨ གཞི་གསར་འགོ་བཙུགས་ལས་རིམ་ལས་བརྟེན་ རྒེད་འོག་ནང་་མི་རིགས་སླ་བསྲེ་སྦེ་ ཤར་ཕྱོགས་པ། ཀུར་སྟོདཔ། སྔ་ལོཔ། ཁེངས་པ། ལྷོ་མཚམས། ཟེར་ཡོདཔ་ཨིན།༼རྒྱབ་རྟེན་རྒེད་འོག་མི་རྩིས་ཐོ་བཀོད་༢༠༡༥༽

རྒེད་འོག་ནང་ལོ་ཐོག་གཙོ་བོ་གེ་ཟ་ཨིནམ་དང་ ས་གནས་ལ་ལུ་ཁར་རེད་ཡང་བཏབ་ཨིན། རྒེད་འོག་ས་སྒོ་ལ་ལུ་ནང་ དངུལ་ཐོག་རིགས་ཚལ་ལུ་དང་ ཨ་ལཱན་ཅི། འབྲུ་སྣའི་རིགས་ དཀར། བྱཱོ། མོན་བྱཱ།་ པད་དཀར།ས་སྒ། ཀེ་བ། ལ་ཕུག། ཨེ་མ་གྲོ་ལེ། དེ་ལས་ས་ཁ་དམའ་ས་ལུ་ འབྲུ་སྣ་གཞན་ཡང་བཏབ་དོ་ཡོདཔ་ཨིན།

འཚོ་སྐྱོང་གི་དོན་ལུ་ སྒོ་ནོར་སེམས་ཅན་གྱི་རིགས་ བྱ། ཕགཔ། ར། ལུག།  སྐྱེལ་འདྲེན་གྱི་དོན་ལུ་ རྟ་ གསོ་སྐྱོང་འབདཝ་ཨིན།