16 སྤྱི་ཟླ་༤ པ། 2021

ད་རིས་ དར་དཀར་རྫོང་ཁག་གི སྡེ་ཚན་ཁག་གི་འགོ་དཔོན་ཚུ་ལུ་ རྫོང་ཁ་ཡུ་ནི་ཀོཏ་དང་རྫོང་ཁག་གི་ཡོངས་འབྲེལ་འཆར་སྒོ་སྐད་གཉིས་ཟུང་འབྲེལ་འབད་བཟོ་ནིའི་རིག་རྩལ་གི་སྦྱོང་བརྡར་གི་འགོ་འབྱེད་ལས་རིམ་ནང་ དྲགོས་རྫོང་བདག་མཆོག་གིས་ དབུ་བཞུགས་མཛད་གནང་ཡོད།

ཉིནམ་གསུམ་གྱི་རིང་ལུ་ དར་དཀར་རྫོང་ཁག་གི་སྲོལ་འཛིན་དང་བརྡ་དོན་འཕྲུལ་རིག་སྡེ་ཚན་གཉིས་ མཉམ་འབྲེལ་ཐོག་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ལས་རིམ་དེ་ དམིགས་ཡུལ་ངོ་མ་རང་ ཞི་གཡོགཔ་ཚུ་གིས་ མི་མང་ལུ་བརྡ་དོན་དང་ཞབས་ཏོག་ཚུ་ སྐད་གཉིས་ཟུང་འབྲེལ་གྱི་ཐོག་ལུ་ ཕུལ་ཚུགསཔ་བཟོ་ནི་ཨིན།